当前位置: 首页 > 最新动态 > སློབ་རའི་འཕྲིན་གསར།

སློབ་རའི་འཕྲིན་གསར།

2017年10月13日 14:48:53 访问量:162

སློབ་རའི་འཕྲིན་གསར།

2017-10-13 རྩེ་རྡེའུ།泽迪 阅读 820阿爸 - 呷让东周

 ༄༅།། རྩེ་ཁོག་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན།

 

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་

ཚོགས་ལ་ཉེ་བའི་སྐབས་འདིར། རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་

ཁང་གིས་གཙོ་སྒྲུབ་དང་། རྫོང་མི་རིགས་སློབ་འབྲིང་དང་པོ་དང་

གཉིས་པས་འགན་སྒྲུབ་བྱས་ཏེ་ ༼ ཚོགས་ཆེན་བཅུ་དགུ་སྤྲོ་བས་བསུ། བློ་རྩ་བརྟན་པོས་ཏང་རྗེར་སྙེག༽ ཅེས་པ་བརྗོད་གཞི་ཡིན་པའི་སློབ་

འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་བྱ་འགུལ་སྤེལ་བ།

རྩེ་ཁོག་ས་ཁུལ་གྱི་འབྲོག་སྐད་ཀྱི་སྐད་གདངས་རྒྱུན་འཛིན་དང་

སློབ་མར་རང་གི་སྐད་ཡིག་ལ་སྤྲོ་བ་སྐྱེ་བའི་འདུན་པ་སྐྱེད་སྲིང་།

སློབ་འབྲིང་གཉིས་ཀྱི་སློབ་གསོའི་ཐད་ནས་ཕན་ཚུན་ལ་སློབ་སྦྱོང་

བྱེད་པ་བཅས་ལ་དམིགས་ཏེ།རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་

ཁང་གིས་དམངས་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ལྷག་བཏང་སྟེ་རྩེ་

ཁོག་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་སྐབས་དང་པོའི་རྟིང་

རྩོད་འགྲན་སྡུར༢༠༡༧ལོའི་ཟླ༡༠བའི་ཚེས༡༢ཉིན་གྱི་ཉིན་གུང་ངེད་

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ལུས་རྩལ་ཐང་ཆེན་དུ་

དངོས་སུ་འགྲན་སྡུར་བྱས་པ་ཡིན། འགྲན་སྡུར་སྟེང་ངེད་སློབ་འབྲིང་

གཉིས་ཀྱི་དགེ་སློབ་བཞི་སྟོང་ལྷག་དང་གདན་ཞུའི་དཔྱད་འདེམས་པ་

བོད་ཀྱི་སྙན་ངག་པ་གྲགས་ཅན། པར་ལེན་སྒྱུ་རྩལ་པ་ཀླུ་ཚང་སྨྱུག་

རྩེན་ནམ་སྐུ་ཞབས་ཁྱུང་ཐར་རྒྱལ་ལགས་དང་། བོད་ཀྱི་སྙན་ངག་པ་

སངས་བྷའམ་མོག་ཟླ་ལགས། སྤྱི་ཚོགས་སློབ་གསོ་བའམ་རྩོམ་པ་པོ།

རྩེ་ཁོག་རྫོང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་སྐུ་ཞབས་རྟ་བོ་

ལགས།རྫོང་སློབ་གསོ་ཅུའུ་ཡི་སློབ་གསོ་ཞིབ་འཇུག་པ་དགེ་རྒན་

ཆེན་མོ་གཞོན་པ་གུ་རུ་སྐྱབས་ལགས། མཚོ་སྔོན་ཞིང་ཆེན་པར་ལེན་

སྒྱུ་རྩལ་གྱི་ཚོགས་མི། ཡིག་གཟུགས་པ། རྫོང་རིག་རིག་གནས་ཁང་

གི་འགོ་བ་སྐུ་ཞབས་མཁར་ལོ་རྒྱལ་ལགས་བཅས་ཆེད་དུ་གདན་ཞུ་

བྱས་ཏེ་རྒྱུ་འབྲས་དྲང་གཞག་གིས་དཔྱད་འདེམས་བྱས་པ།

འགོ་རྩོམ་པའི་ཞབས་བྲོ།

སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་གྱི་མདོ་འཛིན་པ།

ཐེངས་འདིའི་གདན་ཞུའི་དཔྱད་འདེམས་པ་ལྷན་རྒྱས།

བྱ་དགའི་དངོས་ཟོང་།

བྱ་དགའ་འབུལ་བཞིན་པའི་རྣམ་པ

སློབ་འབྲིང་གཉིས་པའི་སློབ་གྲོགས་བདེ་སྐྱིད་ལ་བྱ་དགའ་ཨང་དང་

པོའམ་གསེར་གྱི་རྟགས་མ་ཐོབ་པ།

སློབ་འབྲིང་དང་པོའི་སློབ་གྲོགས་འཇིགས་བྱེད་སྐྱབས་དང་སློབ་

འབྲིང་གཉིས་པའི་སློབ་གྲོགས་དཀོན་མཆོག་འཕྲིན་ལས་གཉིས་

ལ་བྱ་དགའ་ཨང་གཉིས་པའམ་དངུལ་གྱི་རྟགས་མ་ཐོབ།

སློབ་འབྲིང་གཉིས་པའི་སློབ་གྲོགས་དཀོན་མཆོག་སྐྱིད་དང་སློབ་འབྲིང་

དང་པོའི་སློབ་གྲོགས་ལྷ་མོ་སྒྲོལ་མ། སློབ་འབྲིང་དང་པོའི་སློབ་གྲོགས་

མགུ་སྐྱབས་རྒྱལ་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པའམ་ཟངས་

ཀྱི་བྱ་དགའ་ཐོབ།

སློབ་འབྲིང་གཉིས་པའི་སློབ་གྲོགས་རྡོ་རྗེ་རྒྱལ་དང་སློབ་འབྲིང་གཉིས་

པའི་སློབ་གྲོགས་སྒྲོལ་དཀར་སྐྱིད། སློབ་འབྲིང་གཉིས་པའི་སློབ་གྲོགས་

བཀྲ་ཤིས་ལྷ་སྐྱིད། སློབ་འབྲིང་གཉིས་པའི་སློབ་གྲོགས་བཀྲ་ཤིས་དོན་

གྲུབ་བཞི་ལ་བྱ་དགའ་ཨང་བཞི་བའམ་ཟངས་ཀྱི་རྟགས་མ་ཐོབ།

སློབ་འབྲིང་གཉིས་ཀྱི་སློབ་གྲོགས་ཉི་ཤུ་ལ་ཕུལ་བྱུང་བྱ་དགའ་ཐོབ།

ངག་གི་རྩལ་དང་ཉམས་ཀྱི་འགྱུར་བ་ལས་འཁྲུངས་བའི་རྨི་ལམ།

ལྟད་མོ་བའི་ཟུར་ཞིག

  གྱེར་འདོན་བྱས་ཚར་རྗེས་རྫོང་ཨུ་ཏང་གི་སློབ་གྲྭའི་སློབ་གཙོ་

གཞོན་པའམ་ཐེངས་འདིའི་དཔྱད་འདེམས་པ་དགེ་རྒན་རྟ་བོ་ལགས་

ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་ཁྱོན་ཡོངས་ནས་འབྱོར་

འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལོན་པའི་གོ་རིམ་དང་། ཚོགས་ཆེན་བཅུ་དགུ་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་

རིང་ལུགས་འཕེལ་རྒྱས་ཀྱི་གནད་འགག་སྐབས་སུ་འཚོགས་རྒྱུའི་ཧ་

ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན་པ་སོགས་ཀྱི་ཤེས་བྱ་

དྲིལ་སྒྲོག་བྱས་ལ། ན་ཆུང་སློབ་མ་རྣམས་ནི་ཏང་དང་མེས་རྒྱལ་གྱི་རེ་

བ་དང་མི་རིགས། ས་གནས་རིག་གནས་ཀྱི་རྒྱུད་འཛིན་པ་ཡིན་པས། 

ནམ་ཡང་ཏང་གི་རྗེས་འབྲངས་ནས་ལངས་ཕྱོགས་བརྟན་པོ་དང་

བསམ་བློ་བརྟན་པོས་རིག་གནས་ལ་སྦྱང་བརྩོན་བྱས་ཏེ་མི་རིགས་ཀྱི་

རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་དགོས་པའི་སློབ་གསོ་ནན་

གྱིས་བཏང་བས། རྒྱ་ཆེའི་དགེ་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་ཀུན་

སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ལ་ཡར་སྐུལ་གྱི་ནུས་པ་གལ་ཆེན་ཐོན།

00:00
00:10
00:00
00:09

མཇུག་བསྡུའི་ཞབས་བྲོ།


བཀའ་དྲིན་ཞུ་ཡུལ།


ཐེངས་འདིའི་གཙོ་སྒྲུབ་ལས་ཁུངས་ཏེ་རྩེ་ཁོག་རྫོང་རིག་གནས་

དཔེ་མཛོད་ཁང་གི་འགོ་ཁྲིད་དང་ལས་ཁུངས་ཀྱིས་ངེད་སློབ་འབྲིང་

གཉིས་ཀར་འདི་འདྲའི་སྙན་ངག་གྱེར་འདོན་གྱི་གར་སྟེགས་ཤིག་

བསྐྲུན་པར་ཆེད་དུ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ཐེངས་འདིའི་

དཔྱད་འདེམས་པ་རྣམས་ལའང་བཀའ་དྲིན་མི་ཆུང་ཞུ། ཞལ་དྲོ། 

བདེ་ལེགས།

མཐར་དགེ་སློབ་ཀུན་གྱི་བསམ་དོན་འགྲུབ་ཅིང་རྩེ་

ཁོག་སློབ་གསོ་སྔར་ལས་དར་བའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ།



རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ཐོན་ཨུ།

༢༠༡༧/༡༠/༡༣ཉིན།

编辑:李发林
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息 垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。黄南藏族自治州泽库县教育局 特此声明。