当前位置: 首页 > 校园文化 > 释迦摩尼佛的一天

释迦摩尼佛的一天

2021年06月21日 09:52:07 来源:网校空间 访问量:115
༼སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང༽་དུ་འཁོད་པའི་བཅོམ་ལྡན་འདས་ཀྱི་ཉིན་ཞགས་ཕྲུགས་
གཅིག་གི་མཛད་རིམ་བཞུགས་སོ། །
སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རིམ་ནི་ཐུན་ལྔའི་ཁུངས་སུ་བགོ་འགྲེམ་བྱས་ཡོད་། 
༡ སྔ་ཐུན། ༢ ཕྱི་ཐུན། ༣ གཟིགས་པ་དང་བོ། ༤ གཟིགས་པ་བར་བ། ༥ གཟིགས་པ་ཐ་མ་བཅས་ཡིན།
  སྔ་ཐུན་ཞོགས་པ་ཆུ་ཚོད་༤:༠༠ནས་ཉིན་གུང་ཆུ་ཚོད་༡༢:༠༠བར། 
སངས་རྒྱས་བཅོམ་ལྡན་འདས་ཞོགས་པ་ཆུ་ཚོད་བཞི་བའི་ཐོག་གཟིམས་མལ་ལས་ཡར་བཞེངས་ཏེ།སྐུ་གཟུགས་ལ་ཁྲུས་གྲུབ་མ་ཐག་བཞུགས་གདན་དུ་འཁོད་ནས་ཆུ་ཚོད་གཅིག་གི་རིང་སྒོམ་ལ་བཞུགས།དེ་ནས་ཆུ་ཚོད་ལྔ་བ་ནས་དྲུག་པའི་བར་ཆུ་ཚོད་གཅིག་གི་རིང་ཁོང་གིས་ཡེ་ཤེས་སྤྱན་གྱིས་འཛམ་གླིང་ཀུན་ཏུ་གཟིགས་ཞིབ་གནང་སྟེ།ཁོང་གིས་གྲོགས་དན་ནམ་ཕན་པ་བསྒྲུབ་དགོས་པའི་གང་ཟག་ཡོད་མེད་ལ་གཟིགས་ཀྱིན་ཡོད།ཆུ་ཚོད་དྲུག་པའི་ཐོག་ངུར་སྨྲིག་གི་ན་བཟའ་བཞེས་ཏེ་དགོན་པ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོའམ་གྲོང་ཁྱེར་ཁག་ཏུ་བསོད་སྙོམས་ལ་ཕེབས་ནས་ཕྱིར་རང་ཤག་ཏུ་བྱོན་ཏེ་བཞུགས་པའམ།ཡང་ན་གངཟག་གང་རུང་བར་ཛ་དྲག་གིས་སྐྱབས་བཞིན་ནམ་རོགས་དན་གནང་དགོས་པ་བྱུང་ཚེ།ཁོང་མྱུར་སྟབས་ཀྱིས་རང་ཉིད་གཅིག་པུའམ་ཡང་ན་དགེ་འདུན་པ་ཁ་ཤས་དང་ལྷན་དུ་ཕེབས་ཀྱིན་ཡོད།ཁོང་ཁྱིམ་ཚང་གཅིག་ནས་གཅིག་བརྒྱུད་དེ་བསོད་སྙོམས་ལ་ཕེབས་དུས་ཁོང་གིས་སྤྱན་ཟུང་གིས་ས་ལ་གཟིགས་ཤིང་།ལྷུང་བཟེད་དུ་ཞལ་ཟས་གང་ཞིག་ཕུལ་ཡང་ལེགས་ཉེས་ཀྱི་ཞལ་གསུང་ཅི་ཡང་མི་མཛད་པར་བཞེས་རྐྱང་གནང་གི་ཡོད།དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་རང་གི་ཉན་ཐོས་རྣམས་དང་བསོད་སྙོམས་ལ་ཕེབས་སྐབས།ཉན་ཐོས་རྣམས་ཁོང་གི་སྐུ་རྒྱབ་ཏུ་བང་བསྒྲིགས་ཏེ་གྲལ་གཅིག་བྱས་ནས་ཕེབས་ཀྱི་ཡོད།གལ་སྲིད་ཡུལ་མི་རེས་ཁོང་གུང་ཚིགས་སུ་གདན་འདྲེན་ཞུས་ན་ཁྱིམ་ཚང་དེར་ཕེབས་ནས་གུང་ཚིགས་བཞེས་གྲུབ་རྗེས།དེར་ཡོད་ཀྱི་སེར་སྐྱ་ཡོངས་ལ་བདེན་པ་བཞིའི་སྒོ་ནས་གསུང་ཆོས་ཀྱི་གདམས་པ་གནང་བཞིན་པར་མ་ཟད་སྐྱེ་བོ་གང་ཡང་རུང་བ་རེ་རབ་ཏུ་བྱུང་འདོད་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་ན།ཁོང་གིས་དེ་ཚོར་རབ་བྱུང་གི་སྡོམ་པ་གནང་གི་ཡོད།

ཕྱི་ཐུན་ནི་ཉིན་གུང་ཆུ་ཚོད་༡༢:༠༠ ནས་དགོང་མོའི་ཆུ་ཚོད་༦:༠༠བར།
 ཉིན་གུང་ཆུ་ཚོད་བཅུ་གཉིས་ནས་དགོང་མོའི་ཆུ་ཚོད་དྲུག་པའི་བར།དུས་རྒྱུན་དགེ་འདུན་པ་རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ཏེ་དྲི་བ་དྲི་ལན་གནང་བའི་དུས་ཚོད་ཡིན་པས།དེ་དུས་དགེ་འདུན་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་བཀའ་འདྲི་ཞུས་ཚེ།ཁོང་གིས་དེ་མཐུན་གྱིས་དྲིས་ལན་གསུངས་ཤིང་སློབ་སྟོན་གནང་སྟེ་སྒོམ་གྱི་སྐོར་ལ་བརྗོད་གཞི་ཡང་གསུང་གི་ཡོད།སློབ་མ་རྣམས་ཕྱིར་ལོག་པ་ན་ཁོང་རང་ཤག་ནས་ངལ་བསོས་ཏེ་བཞུགས་ཤིང་ཡེ་ཤེས་སྤྱནགྱིས་འཛམ་གླིང་ཀུན་ཏུ་གཟིགས་ནས་ཕན་པ་བསྒྲུབ་དགོས་སའི་གང་ཟག་ཡོད་མེད་ལ་གཟིགས་ཞིབ་མཛད་ནས།ཕན་པ་སྒྲུབ་དགོས་ཀྱི་གང་ཟག་རེ་གཟིགས་པ་ན་ཁོང་དེའི་གམ་དུ་ཤར་མར་ཕེབས་ཀྱི་ཡོད།དེ་ལྟར་མེད་ཚེ་གཟིམས་ཁང་ནས་ཕྱིར་བྱོན་ཏེ་ཡུལ་མི་སྟོང་ཕྲག་མང་པོས་སངས་རྒྱས་བཅོམ་ལྡན་འདས་སྒུག་སྡོད་སའི་གསུང་ཆོས་ར་བར་བྱོན་ནས།མི་མང་ལ་ཆོས་ཀྱི་གདམས་པ་གནང་བ་ན།དབང་བོ་མཆོག་ཏུ་གྱུར་བ་ཏེ་རབ་རྣམས་ཀྱིས་ཆོས་ཀྱི་དོན་རྟོགས་ཤིང་ཡིད་ལ་བདེ་དགའ་སྐྱེད།དབང་བོ་འབྲིང་དག་གིས་ནི་ཤེས་རབ་གོང་མཐོར་སྤེལ་ཞིང་།དབང་བོ་ཐ་མ་རྣམས་ཀྱིས་ཀྱང་མི་ཤེས་པའི་རྨོངས་པ་བསལ་ཏེ།མདོར་ན་གསུང་གཅིག་ཉིད་དུ་གསུང་ན་ཡང་དུ་མ་ཉིད་དུ་སོ་སོར་གོ་བ་སྟེ།མི་རེ་ངོ་རེའི་སེམས་སུ།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་གཅིག་པུ་ལ་གསུང་གི་ཡོད་པ་མིན་ནམ་སྙམ་པའི་ཚོར་སྣང་ཐུན་མོང་མ་ཡིན་པ་སྟེར་གྱིན་ཡོད།

 གཟིགས་པ་དང་པོ་དགོང་མོའི་ཆུ་ཚོད་༦:༠༠ནས་མཚན་གྱི་ཆུ་ཚོད༡༠:༠༠བར།
དགོང་མོའི་ཆུ་ཚོད་དྲུག་པ་ནས་མཚན་གྱི་ཆུ་ཚོད་བཅུ་བའི་བར་དགེ་འདུན་པ་རྣམས་ཡང་བསྐྱར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས་གསུང་ཆོས་ལ་ཉན་ཞིང་།དོགས་པའི་གནས་ལ་སྒྲོ་འདོགས་གཅོད་ཕྱིར་ཁོང་ལ་བཀའ་འདྲི་ཞུ་རྒྱུ་དང་།གཞན་ཡང་དེ་དུས་མི་གཞན་ཁོང་ལ་མཇལ་བར་ཡོང་རྒྱུའི་གོ་སྐབས་ཀྱང་གནང་གིན་ཡོད།

 གཟིགས་པ་བར་བ་ནི་མཚན་གྱི་ཆུ་ཚོད་༡༠:༠༠ནས་ནམ་གུང་གི་ཆུ་ཚོད་༢:༠༠བར།
མཚན་གྱི་ཆུ་ཚོད་བཅུ་བ་ནས་ནམ་གུང་གི་ཆུ་ཚོད་གཉིས་པའི་བར་ནི་ལྷ་དང་ལྷ་མོའི་ཚོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས་བདེན་པའི་ཆོས་ཀྱི་གདམས་ངག་ཉན་པའི་སྐབས་ཡིན་ཡང་།ང་ཚོའི་མིག་ཟུང་གིས་ནི་དེ་དག་མཐོང་བར་མི་ནུས་སོ།།

གཟིགས་པ་ཐ་མ་ནི་ནམ་གུང་གི་ཆུ་ཚོད་༢:༠༠ནས་ནམ་སྨད་ཀྱི་ཆུ་ཚོད་༤:༠༠བར།
 ནམ་གུང་གི་ཆུ་ཚོད་གཉིས་པ་ནས་གསུམ་པའི་བར།སངས་རྒྱས་བཅོམ་ལྡན་འདས་ཡར་མར་དུ་ཞབས་འཆམ་ལ་ཕེབས་ཤིང་།ཆུ་ཚོད་གསུམ་པ་ནས་བཞི་བའི་བར་མནལ་གཟིམས་ཀྱི་ཡོད།དེ་ནས་ཁོང་གཟིམས་མལ་ལས་ཡར་བཞེངས་མ་ཐག་ཡང་བསྐྱར་དེ་ལྟ་བུའི་ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ་རྣམས་སྐྱོང་བཞིན་ཡོད།ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཉིན་གང་པོར་ཐུགས་བྲེལ་ཡོད་པར་མཐོང་ཐུབ་ལ།དོན་དངོས་པོའི་གནས་ཚོད་དུའང་ཁོང་གིས་གསུང་ཆོས་ཀྱི་གདམས་པ་གནངས་འགོ་བཙུགས་པ་ནས་བཟུང་།མི་ལོ་བཞི་བཅུ་ཞེ་ལྔའི་རིང་ཉིན་རེར་ཆུ་ཚོད་གཅིག་ཙམ་ལས་མནལ་གཟིམས་ཀྱི་མེད། 
ཉིན་རེའི་སྔ་ཐུན་གྱི་སྐབས་སུ་ཁོང་གིས་འཇིག་རྟེན་གྱི་ཁམས་ཡོངས་སུ་རྫོགས་པར་སྤྱན་གྱིས་གཡོ་བར་མཛད་དེ།ཚད་དང་མུ་མཐའ་མེད་པའི་བྱམས་བརྩེ་ཡིས་སྐྱེ་འགྲོ་གྲངས་མེད་ལ་བདེ་སྐྱིད་དང་སྤྲོ་སྣང་སྦྱིན་ཞིང་བྱིན་གྱིས་བརླབས་པར་མཛད།


དེ་ལྟར་དགུང་གྲངས་སོ་ལྔའི་ཐོག་མངོན་པར་རྫོགས་པར་སངས་རྒྱས་ཤིང་།དེ་ནས་བཟུང་མི་ལོ་བཞི་བཅུ་ཞེ་ལྔའི་རིང་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་སྐོར་ནས།མཐར་དགུང་གྲངས་བརྒྱད་ཅུ་ལ་སླེབས་པ་ན་ཁོང་གིས་ཤ་རུས་གདོས་བཅས་ཀྱི་ཕུང་བོ་དོར་ཏེ་སྐུ་མྱ་ངན་ལས་འདས་སོ།།
ཞེས་ལམ་པ་བས་ཟིན་བྲིས་སུ་བཀོད་པ་འདིས་ཀྱང་ཀུན་ལ་རྔོ་ཐོགས་པར་གྱུར་ཅིག
2018 ལོའི་ཟླ1པོའི་ཚེས2ཉིན།
编辑:完玛才让
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息 垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。黄南藏族自治州泽库县教育局 特此声明。