当前位置: 首页 > 教育讯息 > བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ།

བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ།

2019年04月29日 15:40:48 访问量:743

རྩེ་ཁོག་རྫོང་མཁར་ཞོལ་ཆ་ཚང་སློབ་ཆུང་གིས་བོད་ཡིག་ཡིག་གཟུགས་དུས་ཆེན་ལ་བོད་རྒྱ་དབྱིན་གྱི་ཡིག་གཟུགས་འགྲེམ་སྟོན་དང་ཡུལ་དངོས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།


མཁས་དབང་འཇུ་མི་ཕམ་གྱིས།  འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།  །དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།  །ཞེས་གསུངས་པ་བཞིན་སློབ་གཉེར་བ་དང་ཤེས་ཡོན་པ།  སྤྱི་ཚོགས་ཀྱི་ལས་རིགས་གང་ཞིག་གཉེར་མཁན་ཡིན་ཡང་ཡི་གེ་དང་འབྲལ་ཐབས་མེད།  ཡི་གེ་ཡག་པོ་ཞིག་མ་འཁྱོངས་ན་ཇི་སྐད་དུ།  རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ན།  །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།  །ཞེས་གསུངས་པ་ལྟར་ཡིག་གཟུགས་ལ་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གིས་གལ་ཆེའོ། 





གནས་ཚུལ་མདོར་བསྡུས།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བར་ཟླ་འདིའི་ཚེས་༢༨ཉིན་བོད་རྒྱ་དབྱིན་གསུམ་གྱི་ཡིག་གཟུགས་འགྲེམ་སྟོན་དང་ཡུལ་དངོས་འགྲན་བསྡུར་གྱི་བྱ་འགུལ་སྤེལ།  ཐེངས་འདིའི་བྱ་འགུལ་འདི་ནི་ངེད་སློབ་གྲྭའི་སློབ་སྟོན་ཁང་གི་གཙོ་སྒྲུབ་དང་ཡིག་གཟུགས་དགེ་རྒན་ནམ་མཁའ་བཀྲ་ཤིས་ཀྱི་རོགས་སྒྲུབ་འོག་ཏུ་བདེ་ལེགས་ངང་འགྲུབ།  

ཐེངས་འདིའི་བྱ་འགུལ་ལ་རང་སློབ་གྲྭའི་དགེ་སློབ་ཡོངས་ཞུགས་པ་མ་ཟད་རང་རྫོང་གི་ཡིག་གཟུགས་ལ་མོས་པ་ཡོད་པའི་དགེ་རྒན་འགའ་གདན་ཞུ་བྱས་ཞིང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་བསོད་ནམས་རྒྱལ།  དགེ་རྒན་ལྷ་ལྷ་རྒྱལ།  མགོན་པོ་ཚེ་རིང་།  རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་འཇིགས་མེད་བཀྲ་ཤིས།ཡུལ་དངོས་ནས་འབྲི་རྩལ་ངོམས་ཏེ་དགེ་སློབ་ཀུན་ལ་མིག་དཔེ་ཡག་པོ་དང་མཛུབ་སྟོན་ལེགས་པོ་གནང་།  སློབ་གཙོ་རྩེ་ཏོག་རྒྱལ་གྱིས་མགོ་འཛིན་མཛད་ཅིང་སློབ་གཙོ་བཀྲ་ཤིས་ཚེ་རིང་གིས་གཏམ་བཤད་གནང་། དགེ་རྒན་ལྷ་ལྷ་རྒྱལ་གྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་མཚོན་རྟགས་རི་མོ་ངོ་སྤྲོད་གནང་། རང་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཡིག་གཟུགས་བརྩམས་ཆོས་གཙོ་བྱས་བོད་རྒྱ་དབྱིན་གསུམ་གྱི་ཡིག་གཟུགས་བརྩམས་ཆོས་བརྒྱ་ལྷག་འགྲེམ་སྟོན་བྱས།   མ་ཟད་སློབ་གྲོགས་བརྒྱ་ལྷག་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་ཤིང་དེ་ལས་སློབ་གྲོགས་མི་ཉུང་བ་ཞིག་ལ་གཟེངས་བསྟོད་རྟགས་མའང་ཐོབ།  ཐེངས་འདིའི་བྱ་འགུལ་གྱིས་སློབ་གྲོགས་ཚང་མའི་ལྟ་རྒྱ་མཐོང་རྒྱ་བསྐྱེད་ཅིང་ཡིག་གཟུགས་འབྲི་སྦྱོང་ལ་དགའ་བའི་སྤྲོ་བའང་སྐྱེད་བསྲིངས་བྱེད་ཐུབ་པ་བྱུང་།  ལྷག་དོན་བོད་ཡིག་ཡིག་གཟུགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་ཆེད་ངེད་སློབ་གྲྭ་ཐོག་མཐའ་བར་གསུམ་དུ་བྱ་བ་རབ་དང་རིམ་པ་བསྒྲུབ།  གཅིག་ནས་ཐོག་མར་དགེ་རྒན་དཔུང་སྡེ་ལ་ཡིག་གཟུགས་ཟབ་སྦྱོང་བྱས་ཏེ་དགེ་རྒན་ཡོངས་ཀྱི་ཡིག་གཟུགས་ཆུ་ཚད་མཐོར་འདེགས་བཏང་།  གཉིས་ནས་སློབ་རིམ་སོ་སོ་ནས་སློབ་མའི་ཡིག་གཟུགས་སྤྲོ་སྣང་འཛིན་གྲྭ་བཙུགས་ཏེ་མོས་པ་ཡོད་མཁན་རྣམས་དེ་ལ་ཞུགས་ནས་འབྲི་སྦྱོང་བྱས།  གསུམ་ནས་ཡིག་གཟུགས་རིག་རྩལ་ཚོགས་པ་བཙུགས་ཏེ་ཆེད་དུ་ཡིག་གཟུགས་འབྲིི་སྦྱོང་ལ་ཤུགས་སྣོན་བྱེད་བཞིན་ཡོད།  བཞི་ནས་སློབ་གྲྭ་དང་སློབ་རིམ་སོ་སོ་ནས་ཀྱང་ཡིག་གཟུགས་འགྲན་བསྡུར་ཐེངས་མང་སྤེལ་ཏེ་སློབ་མའི་ཡིག་གཟུགས་མཐོར་འདེགས་དང་སྤྲོ་བར་ཤུགས་སྣོན་བརྒྱབ།  དེ་མིན་དཀྱིལ་རྒྱུགས་དང་མཇུག་རྒྱུགས་སོགས་སུ་ཆེད་དུ་རྒྱུགས་ངོས་སྐར་མ་ལས་སྐར་མ་གཉིས་ནས་ལྔ་ཙམ་ཡིག་གཟུགས་ལེགས་མིན་ལ་བལྟ་རྒྱུ་བྱས་ཡོད།  གཞན་ཡང་རང་སློབ་གྲྭའི་རྩོམ་པ་པོ་ཆུང་ཆུང་ཞེས་པའི་སློབ་རའི་ཚགས་པར་དུའང་ཡིག་གཟུགས་བརྩམས་ཆོས་མི་ཉུང་བ་འདེམས་བཀོད་བྱེད་བཞིན་ཡོད།

ལོ་འདི་དག་གི་བྱ་བ་འདི་དག་ལས་རང་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་ཆུ་ཚད་ལ་མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་སོང་། མཇུག་ཏུ་ཆེད་དུ་ཞུ་རྒྱུ་ལ་ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་དང་འགྲན་བསྡུར་བྱ་འགུལ་ལ་ཀུན་གྱིས་གདེང་འཇོག་མཐོན་པོ་ཐོབ་ཅིང་སླད་ཕྱིན་མུ་མཐུད་འབད་པ་བྱེད་རྒྱུའི་ཡིད་ཆེས་དང་སྤོབས་པའང་མི་དམན་པ་ཞིག་བསྩལ་ཏོ། །


编辑:则多加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息 垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。黄南藏族自治州泽库县教育局 特此声明。