当前位置: 首页 > 最新动态 > 致全县中小学生的一封信

致全县中小学生的一封信

2020年03月07日 15:54:46 访问量:126

རྫོང་ཡོངས་ ཀྱི་སློབ་གྲྭ་ ཆུང་འབྲིང་གི་སློབ་མར་སྤྲིངས་པའི་འཕྲིན་ཡིག


རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྤྲིངས་པའི་

འཕྲིན་ཡིག

མཛའ་ཞིང་བརྩེ་བའི་སློབ་གྲོགས་རྣམ་པ། 

   ཁམས་བདེ།

    སྤྱིར་ཡིན་ན་ཡིད་འཕྲོག་དཔྱིད་ཀྱི་དཔལ་མོས་སྒེག་པའི་གོམ་སྟབས་ས་གཞིར་སྒྱུར་བའི་སྐབས་འདི་ནི་ང་ཚོས་སློབ་རའི་ནང་དུ་སློབ་སྦྱོང་བྱེད་པའི་དུས་ཡིན་མོད། ཡིན་ཡང་ད་ལོའི་ལོ་མགོར་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཅེས་པའི་རིམས་ནད་ཀྱིས་ང་ཚོ་དུས་ལྟར་སློབ་རར་འཛོམས་པར་བར་ཆད་བཟོས་བྱུང་། འདས་ཟིན་པའི་དུས་སྐབས་ངེས་ཅན་ཞིག་གི་རིང་ལ་སློབ་གྲོགས་ཚོས་ཁྱིམ་བདག་དང་མཉམ་དུ་ཞིང་ཆེན་དང་། ཁུལ། རྫོང་། གོང་རིམ་སློབ་གསོའི་སྡེ་ཁག་བཅས་ཀྱི་བླང་བྱ་ལྟར་ཁྱིམ་སྡོད་ལོགས་བཀར་འགོག་སྲུང་བྱས་པ་དང་། རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་མཉམ་འགོག་བྱས་པས་ཁྱོད་ཚོའི་བྱ་སྤྱོད་ལ་སྙིང་ཐག་པ་ནས་བསྔགས་བརྗོད་བྱེད་ཀྱིན་ཡོད། ཁྱོད་ཚོ་ནི་ཆེས་ཡིད་དུ་འོང་བ་ཏག་ཏག་རེད། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས་ང་ཚོའི་སློབ་མགོ་ཚུགས་པའི་དུས་ཚོད་ཕྱིར་སྣུར་བྱེད་དགོས་བྱུང་། འདི་ནི་དུས་རྒྱུན་དང་མི་མཚུངས་པའི་དགུན་གནང་ཁྱད་པར་བ་ཞིག་ཡིན་ལ། ང་ཚོའི་བཟོད་སེམས་ལ་ཚོད་བགམ་བྱེད་པའི་དམིགས་བསལ་གྱི་རྒྱུགས་ར་ཞིག་ཀྱང་ཡིན་པས། ཚང་མས་མུ་མཐུད་དུ་ལག་གདང་དཔུང་སྒྲིག་སྒོས་རིམས་ནད་ལ་འགོག་རྒོལ་བྱས་ཏེ། དམིགས་བསལ་གྱི་རྒྱུགས་གཞི་འདི་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་བའི་རེ་བ་ཞུས་པ་ཡིན།

   གཅིག སློབ་འགོ་མ་ཚུགས་སྔོན་ལ། ང་ཚོས་རྒྱལ་ཁབ་དང་གོང་རིམ་སློབ་གསོའི་སྡེ་ཁག་གི་བླང་བྱ་དག་ལ་བརྩི་སྲུང་ནན་མོ་བྱས་ཏེ། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། རང་གཅུན་རང་འདོམས་བྱེད་པ། ཕྱི་ལ་ཉུང་འགྲོ་དང་། གསོལ་སྟོན་འདུ་འཛོམས་མི་བྱེད་པ། ཁ་ཐུམ་རྒྱག་པ་དང་། ལག་པ་གཙང་མར་བཀྲུ་བ། རང་སྲོག་ལ་བསྲུང་སྐྱོབ་བྱེད་པ་། རང་བྱུང་ཁམས་དང་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་དགོས་ལ། ལོ་ན་ཆུང་ཡང་རང་རློམ་བྱེད་མི་རུང་བ་དང་། དཔའ་སྙིང་ཆེ་ཡང་ཧོལ་རྒྱུག་བྱེད་མི་འོས་པ་ཤེས་དགོས།

   གཉིས། སློབ་གྲྭར་འགྲོ་མི་དགོས་པ་དེས་སློབ་སྦྱོང་བྱེད་མི་དགོས་ཟེར་བ་གཏན་ནས་མ་ཡིན་ལ། དཀའ་ངལ་གསར་པ་དང་གནད་དོན་གསར་པར་འཕྲད་པ་འདིའང་ཤེས་བྱ་གསར་པ་ཐོབ་པ་དང་། རྩལ་ནུས་གསར་པ་སློབ་པར་ཕན་པའི་གོ་སྐབས་ཤིག་ཡིན། རིམས་ནད་འགོག་སྲུང་གི་སྐབས་འདིར་དགེ་རྒན་རྣམ་པས་དྲ་ཐོག་ནས་ཇི་ལྟར་སློབ་ཁྲིད་བྱ་བར་སློབ་སྦྱོང་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་སློབ་ཁང་སློབ་ཁྲིད་དེ་དྲ་ཐོག་སློབ་ཁྲིད་དུ་བསྒྱུར་བའི་རྩལ་ནུས་གསར་པར་སློབ་སྦྱོང་བྱེད་ཀྱིན་ཡོད། རྒྱ་ཆེའི་སློབ་གྲོགས་རྣམས་ཀྱིས“ཚོགས་མཚམས་བཞག་ཀྱང་འཁྲིད་མཚམས་མི་འཇོག་པ་དང་།ཚོགས་མཚམས་བཞག་ཀྱང་སྦྱོང་མཚམས་མི་འཇོག་པ”ཞེས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཁྱིམ་དུ་སྡོད་པའི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ། ལུས་སྦྱོང་བྱེད་ཤེས་པ་དང་། གཙང་སྦྲ་བྱེད་ཤེས་པ། འགོག་སྲུང་བྱེད་ཤེས་པ། ཁྱིམ་ལས་བྱེད་ཤེས་པ། འབྲེལ་འདྲིས་བྱེད་ཤེས་པ་བཅས་བྱེད་དགོས་ལ། དེ་དང་ཆབས་ཅིག་སློབ་སྦྱོང་གི་འཆར་གཞི་ལེགས་པོ་བཟོས་ཏེ། དཔེ་ཆ་མང་ཙམ་ཀློག་པ་དང་། དཔེ་ཆ་གང་བཟང་ཀློག་པ་རྒྱུན་འཁྱོངས་བྱེད་དགོས་ལ།    ཁྱིམ་སྡོད་དུས་ཚོད་གང་དེ་སློབ་གཉེར་གྱིབགྲོད་་ལམ་སྙེག་པའི་གོ་སྐབས་ཤིག་ཏུ་བཟུང་ནས་བདེ་ཐང་སྲུང་སྐྱོབ་དང་ ཤེས་བྱ་སློབ་སྦྱོང་གཉིས་ཀ་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས། 

   གསུམ། རི་སྐྱེས་སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་གཤིས། དེ་དག་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། སྒོས་སུ་མི་དང་རང་བྱུང་ཁམས་དབར་འཆམ་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་ཤིག་འཛུགས་པ་ནི་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་དེ་ལགས། དེར་བརྟེན། རྫོང་ཡོངས་ཀྱི་སློབ་མ་རྣམས་ཀྱིས་དུས་ད་ལྟ་ནས་འགོ་རྩོམ་པ་དང་། བྱ་བ་ཙག་་ཙག་ནས་འགོ་བཙུགས་ཏེ་བསམ་པ་བཟང་ལ་འགན་འཁྲི་ཡོད་པའི་གྲོགས་པོ་ཆུང་ཆུང་ཞིག་བྱེད་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་སློབ་གྲོགས་ཚོས་དྲིལ་སྒྲོག་པ་ཆུང་ངུ་ཞིག་གི་འགན་འཁྲི་ཡོངས་སུ་བླངས་ཏེ།   ཁྱིམ་བདག་དང་གཉེན་ཉེ་གྲོགས་པོ་ཀུན་ལ་རི་སྐྱེས་སྲོག་ཆགས་ཀྱི་ཤ་བཟའ་མི་ཉན་པ་དང་། ཉེ་འཁོར་གྱི་མི་ཀུན་ལ་སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་པ།  རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་ཚང་མའི་འགན་འཁྲི་ཡིན་པ་ཤེས་སུ་འཇུག་དགོས།

   བཞི། དྲ་རྒྱའི་ཆ་འཕྲིན་ལ་ལྟ་སྟངས་ཡང་དག་བཟུང་ནས་རང་གི་ལངས་ཕྱོགས་བརྟན་པོ་བྱེད་དགོས། དྲ་རྒྱའི་ཐོག་འདྲ་མིན་སྣ་ཚོགས་ཀྱི་དཀྲོག་གཏམ་གྱིས་ཁེངས་ཡོད་པ་དང། དཀྲོག་གཏམ་གྱིས་དམངས་སེམས་ལ་འཇིགས་སྣང་སྤྲོད་པ་ལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་རྐྱེན་ངན་པ་ཐེབས་ངེས་པ་དང་། ཐ་ན“ཞོར་ཐོན་རིམས་ནད་”ཀྱང་བཟོ་ངེས། དམིགས་བསལ་གྱི་དུས་སྐབས་འདིར་སློབ་གྲོགས་ཚོས་ཁྱིམ་བདག་དང་མཉམ་དུ་ལངས་ཕྱོགས་བརྟན་པོ་དང་། ལེགས་ཉེས་ལ་བླང་དོར་བྱེད་པ། ཡིན་མིན་བརྡར་ཤ་བཅད་དེ་རིམས་འགོག་བྱེད་དགོས་པ་ལས། རྨོངས་ཚོད་ཀྱིས་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་བྱེད་པ། དཀྲོག་གཏམ་སྤེལ་བ་སོགས་གཏན་ནས་བྱ་མི་རུང་།

   མཛའ་ཞིང་བརྩེ་བའི་སློབ་གྲོགས་ཚོ། འཕྲིན་ཡིག་འདི་བརྒྱུད་ནས་ངས་ཁྱོད་ཚོར་ནན་གྱིས་བརྗོད་འདོད་པ་ནི་། ང་ཚོར་སྟོབས་དང་ལྡན་པའི་རྒྱལ་ཁབ་ཞིག་གི་རྒྱབ་རྟེན་ཡོད་པས། ཁྱོད་ཚོས་ཡིད་ཆེས་བརྟན་པོས་དཀའ་བ་ཁྱད་དུ་བསད་ཏེ་བློ་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་བྱ་ཆོག།

   ནམ་ཡང་ཡལ་བ་མེད་པའི་དགུན་གཞུང་ཞིག་ཡོད་མི་སྲིད་ལ། ནམ་ཡང་སླེབས་རྒྱུ་མེད་པའི་དཔྱིད་དུས་ཤིག་ཀྱང་ཡོད་མི་སྲིད་པས། ང་ཚོ་རིམས་ནད་ལས་རྣམ་པར་རྒྱལ་ཏེ། དཔྱིད་དུས་ཀྱི་མེ་ཏོག་སྣ་བརྒྱ་བཞད་པའི་དུས་ཚིགས་དེར་སླར་ཡང་བརྩེ་བས་ཕྱུག་པའི་སློབ་རའི་ནང་དུ་འཛོམས་ཡོང་ །

            རྩེ་ཁོག་རྫོང་སློབ་གསོ་ཅུའུ་ཨུ་ཡོན་ལྷན་ཁང་ནས། 

                 2020ལོའི་ཟླ་3ཚེས་7ཉིན།

               致全县中小学生的一封信

亲爱的同学们:

     你们好!

       正是一年春好处,本是校园读书时。2020年初,一场突如其来的新冠肺炎疫情阻滞了我们相聚校园的脚步。在过去的一段时间里,同学们和家长一道,按照全县疫情防控的总体部署和教育局的统一要求,居家隔离防护,携手共抗疫情,真心为你们的行为点赞,你们是最棒的!当前,全国疫情防控形势依然严峻,我们的开学时间已延迟。这是一个特殊的寒假, 也是一个检验我们的特殊考场,希望大家能继续携手并肩,抗击疫情,在这场特殊考试中交出满意的答卷。

        一、在正式开学前,我们要严格遵守国家和上级教育部门的各项要求,做好个人防护,克己自律,少外出,不聚餐,戴口罩,勤洗手,常通风、勤消毒、敬畏生命,敬畏自然,敬畏规则,不因年少而自恃,不因勇敢而无畏。

        二、不去学校绝不意味不学习, 面对新困难,遇到新问题正是有利于获得新知识,提高新技能的契机;面对疫情,我们的老师在学习如何尽快适应线上教学,在学习如何将课堂从线下搬到线上的新技能,希望全县广大学生能深刻理解“ 停课不停教,停课不停学”的内涵,充分利用居家的这段时间,学会健身、学会清洁、学会防护、学会家务、学会沟通,同时,合理安排学习时间,坚持多读书、读好书,让这段居家时间成为我们求学道路上的弯道超车,确保生命健康和知识学习双丰收。

         三、野生动物是人类的朋友,保护它们就是保护人类自己,构建一个人与自然和谐相处的社会是我们最终的目的。因此,希望全县学生从现在做起,从点滴做起,树立高远的人生理想,做一个善良有责任的小朋友。同时,我们要担起小小宣传员的职责,向家长、亲戚朋友宣传拒绝食用野生动物,要让大家都明白动物是人类的朋友,保护野生动物是我们共同的职责。

         四、同学们要理智对待网络讯息,时刻保持头脑清醒。网络上充斥着五花八门的谣言,谣言将会加剧公众恐慌情绪,对疫情防控带来不利影响,甚至造成“次生疫情”。 越是非常时期,我们越要同家长保持冷静,多一分清醒,少一些盲从,要学会理智分析,坚定信心,做到不造谣、不信谣、不传谣。

         最后,我想告诉我亲爱的同学们,我们的背后有一个强大的祖国,这足以让我们心怀感恩,踏实安心学习,给你们发出这份信,希望同学们克服疫情带给我们不安和焦虑情绪,多一点儿耐心,多一分韧劲。

        没有一个寒冬不会过去,没有一个春天不会来临,希望疫情快点儿过去,待到春暖花开时,我们在校园里再相遇。

                                     泽库县教育局党委

                                       2020年3月7日

编辑:李发林
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息 垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。黄南藏族自治州泽库县教育局 特此声明。