ལོ་རིམ་དྲུག་པ་ཚན་ཁག་གི་སློབ་སྐབས་སྨད་ཀྱི་བྱ་བའི་འཆར་གཞི།
སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་མ་འོངས་པ་ལ་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་པའི་དམིགས་བྱ་གཙོར་བཟུང་ཏེ་རང་སློབ་གྲྭ་སློབ་སྒྲུབ་ཐབས་ལམ་གསར་བའི་ལམ་དུ་ཞུགས་པ་ཡིན། སློབ་སྒྲུབ་གསར་བའི་ལམ་ལུགས་འདི་ལེགས་འགྲུབ་དང་། འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་ལ་སྙེགས་པར་ངེད་ལོ་རིམ་ཚན་ཁག་གིས་སློབ་རའི་ཕྱོགས་ཡོངས་ཀྱི་བྱ་བ་ཡར་རྒྱས་དང་། ལྷག་པར་དུ་སློབ་མའི་ཤེས་བྱའི་ནུས་ཚད་མཐོར་འདེགས་གཏོང་བ། སློབ་གསོ་སྤྲོ་སྣང་ཅན་དང་སྣ་མང་ཤེས་བྱར་ཁ་ཕྱོགས་པའི་ཆེད་དུ་སློབ་སྐབས་འདིའི་སློབ་གསོ་བྱ་བའི་འཆར་གཞི་འདི་ལྟར།
གཅིག བསམ་བློ་ཀུན་སྤྱོད།
མི་ཞིག་ལ་ཆ་མཚོན་ནས་བཤད་ན་ཀུན་སྤྱོད་བཟང་བོ་ཞིག་ཆགས་རྒྱུ་ནི་ཆེས་གཞི་རྩ་དང་མི་གཤིས་ཀྱི་གནད་གཙོ་བོ་ཡིན། སློབ་གྲྭ་ཞིག་ལ་མཚོན་ན་དགེ་རྒན་ནི་སློབ་གསོའི་སྲོག་རྩ་ཡིན་པས། ཐོག་མར་དགེ་རྒན་རང་ཉིད་ནས་མི་གཤིས་གཙང་མ་ཞིག་གིས་སློབ་མའི་སྤྱོད་ཡོན་ཕྱོགས་ཡོངས་ནས་ལེགས་པའི་ལམ་དུ་ཁྲིད་དེ་སློབ་མ་དེ་ཉིད་ཞི་དུལ་དང་ཡ་རབས་ཚུལ་ལྡན། སྤྱོད་གཙང་ཀུན་ལྡན་གྱི་མི་གཤིས་ཅན་ཞིག་ཏུ་སྐུལ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ན། ང་ཚོས་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་དང་།དགེ་སློབ་རང་འགུལ་གྱི་ངང་ནས་སློབ་རའི་ཁོར་ཡུག་གཙང་སྤྲ། སྤྱིའི་རྒྱུ་རྫས་ལ་དོ་དམ། རང་འགུལ་རང་བཞིན་གྱིས་དཔེ་ཀློག་ལ་འཇུག་པ།དགེ་སློབ་གཉིས་ནས་སྤྱི་ཚོགས་འཆམ་མཐུན་ལ་ཤུགས་སྣོན་པ་སོགས་བྱ་བའི་གནད་གང་ལའང་ཁྲིད་སྟོན་དང་དཔེ་སྟོན་ཡག་པོ་བྱ་དགོས།
གཉིས། སློབ་གྲྭའི་སློབ་གསོ།
སུའུ་ཀི་ལ་ཏིས་བཤད་པ་ལྟར། སློབ་གསོ་ནི་མ་འོངས་པའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་གི་གྲ་སྒྲིག་དང་སྔོན་འགྲོ་ཡིན་ཞེས་གསུང་བ་དང་། སི་པིན་སུས་སློབ་གསོ་ནི་མིའི་ནང་སེམས་འགུག་བྱེད་ཀྱི་ལྕགས་ཀྱུའི་ཐབས་ལམ་དང་ཆ་རྐྱེན་ཡིན། ཞེས་གསུང་བ་བཞིན་སློབ་གསོ་ནི་ཀུན་གྱི་རྩ་བ་ཡིན། ལྷག་པར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཤིག་གི་དར་རྒུད་ལ་འབྲེལ་བ་དམ་པོ་ཡོད་པས། མི་རིགས་ཡར་རྒྱས་ཀྱི་སྙིང་ལྟ་བུ་ཡིན། སློབ་གསོ་བྱ་ཡུལ་གྱི་ན་གཞོན་རྣམས་ལ་དམིགས་ཡུལ་དང་འཆར་གཞི། རྩ་འཛུགས་སོགས་ལྡན་པའི་སྒོ་ནས་བག་ཆགས་འཇོག་པའི་བྱེད་སྒོ་སྤེལ་ཞིང་། སློབ་བུ་རྣམས་ཀྱི་ཤེས་རིག་དང་ལུས་ཕུང་ཡར་རྒྱས་སུ་གཏོང་བ་དང་། ཤེས་བྱ་དང་ནུས་རྩལ་ངེས་ཅན་ཞིག་ཐོབ་པ། དེ་མིན་བསམ་པའི་ཀུན་སྤྱོད་ངེས་ཅན་ཞིག་ཆགས་པར་སློབ་གསོར་རག་ལས་པས་རང་སློབ་གྲྭའི་སློབ་གསོའི་ཐབས་ལམ་གསར་བ་སྟེ། སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཡོ་བྱད་འཐུས་ཚང་། ལས་ཆོད་ཆེ་བར་དམིགས་ནས་སློབ་གསོ་ཆེད་མཁས་པ་གདན་འདྲེན་དྲངས་ཏེ། སློབ་སྒྲུབ་ཐབས་ལམ་གསར་བ་སྟེ་ལྟ་ཁྲིད་སྦྱོང་སེལ་གྱི་སློབ་ཁྲིད་ཐབས་ལམ་གསར་བར་སྣེ་ཁྲིད་མཛུབ་སྟོན་བྱེད་དུ་འཇུག་རྒྱུ།
གསུམ། སློབ་སྐབས་འདིའི་བྱ་བའི་བཀོད་སྒྲིག
༡སློབ་མགོ་བརྩམས་ཏེ་སློབ་མའི་མིང་ཐོ་བཀོད་པ།
༢འཛིན་བདག་གི་སྤྱིའི་བྱ་བའི་འཆར་འགོད་དང་། བསླབ་ཚན་ཁག་གི་འཆར་གཞི་འགོད་པ།
༣སློབ་མའི་མལ་ཁང་དང་སློབ་ཁང་སོགས་སློབ་རའི་བདེ་འཇགས་ལ་བལྟ་ཞིབ་ནན་མོ་བྱེད་པ།
༤སློབ་མའི་ཉིན་རྒྱུན་སྤྱོད་ལམ་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱ་དགོས།
༥ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་གལ་རང་བཞིན་དང་སྲུང་སྐྱོབ་མ་བྱས་པའི་མཇུག་་་་་འབྲས་སྨྱན་མང་དང་འབྲེལ་ནས་སློབ་མའི་རྒྱུད་ལ་སའི་གོ་ལར་སྲུང་སྐྱོབ་བམ་རང་་་་་ཉིད་འཚོ་གནས་ཀྱི་འབྲོག་པའི་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བཟང་བོ་སྐྱེ་རུ་འཇུག་པ།
མཐར་ཕྱིན་སློབ་མའི་སློབ་འཕར་རྒྱུགས་འབྲས་ ཡག་པོ་ཞིག་ལེན་པར་ཆེད་དུ་ཟླ་རེར་སྤུས་ལེགས་རྒྱུགས་གཞི་རེ་ལེན་པའི་བཀོད་སྒྲིག་གཤམ་གསལ་ལྟར།
ཟླ་གསུམ་པ།
ལོ་རིམ་དྲུག་པའི་སྤྱིའི་སློབ་འཕར་ལ་དམིགས་ནས་ཟླ་གསུམ་གསུམ་པའི་ཚེས་བཅུ་ཉིན་ལོ་རིམ་དྲུག་པའི་སློབ་མ་ཡོངས་ཚོགས་འདུ་ཚོགས་པ།
དགུན་གནང་གི་བློ་འཛིན་ལས་བྱའི་འགྲན་སྡུར་སྤེལ་བ།
ཟླ་བཞི་བ།
སྐད་ཡིག་དང་རྒྱ་ཡིག རྩིས་རིག དབྱིན་ཡིག་བཅས་བསླབ་བྱ་སོ་སོར་སྤུས་ལེགས་རྒྱུགས་གཞི་རེ་ལེན་རྒྱུ།༼ དགེ་སློབ་གཉིས་ཀར་བསླབ་འབྲས་འབུར་ཐོན་ཅན་ལ་སློབ་རར་ཁ་ཕྱོགས་ནས་བྱ་དགའ་འོས་འཚམ་རེ་གནང་རྒྱུ། ༽
ཟླ་ལྔ་བ།
ཟླ་ལྔ་བ་ནས་བཟུང་སྟེ་སློབ་མའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དང་། གཟའ་མཇུག་ཟབ་ཁྲིད་བྱེད་པའི་ལས་ཀ་ལག་སྟེར་བྱེད་པ།
སྐད་ཡིག་དང་རྒྱ་ཡིག རྩིས་རིག དབྱིན་ཡིག་བཅས་བསླབ་བྱ་སོ་སོར་སྤུས་ལེགས་རྒྱུགས་གཞི་རེ་ལེན་རྒྱུ། ༼ དགེ་སློབ་གཉིས་ཀར་བསླབ་འབྲས་འབུར་ཐོན་ཅན་ལ་སློབ་རར་ཁ་ཕྱོགས་ནས་བྱ་དགའ་འོས་འཚམ་རེ་གནང་རྒྱུ། ༽
ཟླ་དྲུག་ པ།
༡ སྐད་ཡིག་དང་རྒྱ་ཡིག རྩིས་རིག དབྱིན་ཡིག་བཅས་བསླབ་བྱ་སོ་སོར་ཕྱོགས་བསྡུས་སྤུས་ལེགས་རྒྱུགས་གཞི་རེ་ལེན་རྒྱུ། ༼ དགེ་སློབ་གཉིས་ཀར་བསླབ་འབྲས་འབུར་ཐོན་ཅན་ལ་སློབ་རར་ཁ་ཕྱོགས་ནས་བྱ་དགའ་འོས་འཚམ་རེ་གནང་རྒྱུ། ༽
༢ ཀུན་སྤྱོད་ཚོགས་འདུ།
1 དབྱར་གནང་སྐབས་ཀྱི་སློབ་མའི་བདེ་འཇགས་སྐོར་གྱི་སློབ་གསོ།
2 མཐར་ཕྱིན་སློབ་མར་སློབ་གསོའི་གལ་ཆེན་རང་བཞིན་དང་ལྷག་པར་མུ་མཐུད་དུ་སློབ་གྲྭར་འགྲིམས་ཏེ་མི་ཚེ་དོན་ལྡན་བྱེད་དགོས་པའི་སྐོར་གྱི་ཁ་བརྡ་སློབ་གསོ།
3 སློབ་སྐབས་སྤྱིའི་བྱ་བའི་སྤྱི་སྡོམ།